24 November 2021

༉ རང་མོས་རྣམ་དག་གི་བཙག་འཐུ་འགོ་འདྲེན་འཐབ་ནི་དོན་ལུ་ སྤྱི་ཚེས་༢༤/༡༡/༢༠༢༡ ལུ་ རྫོང་ཁག་བཙག་འཐུ་འགོ་འདྲེན་གཙོ་འཛིན་གྱི་འགོ་འདྲེན་ཐོག་ བཀྲིས་གཡང་རྩེ་རྫོང་མངའ་འོག་ནང་ཡོད་པའི་་འབྲེལ་ཡོད་ལས་སྡེ་དང་ ལུང་ཕྱོགས་ཁག་གི་ཡིག་ཚང་ཚུ་དང་ཅིག་ཁར་ མཉམ་འབྲེལ་ཞལ་འཛོམས་འགོ་འདྲེན་འཐབ་ཡོད།

བཀྲ་ཤིས་གཡང་རྩེ་རྫོང་ཁག་སྦེ་བ་ཅིན་ ས་གནས་གཞུང་གསུམ་པའི་དོན་ལུ་ རྒཔོ་༢༢ དམངས་མི་༡༨ ཚོགས་པ་༧༧ དེ་ལས་ཁྲོམ་སྡེ་ངོ་ཚབ་༢ བཅས་དང་འདོད་ཅན་གྱི་འདེམས་ངོ་བསྡོམས་༡༡༩ འདམ་འཐུ་འབད་དེ་བཙག་འཐུའི་བྱ་སྒོའི་རིམ་པ་ནང་དོ་འགྲན་འབད་ནི།