01 March 2021

                                                                   མི་མང་གསལ་བསྒྲགས།

༉    ཞོུལ་ དེ་ནི་ སྤྱི་ཚེས་ ༢༦/༢/༢༠༢༡ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲགོས་དྲུང་ཆེན་མཆོག་གིས་གནང་བའི་ ཆབས་ཤོང་ཨང་ ཨེས-༢༠/༡༨༤ ཅན་མའི་དགོངས་དོན་ནང་གསེས་  རྒྱལ་གཞུང་ཁ་ཐུག་ལས་  འབྲུག་པའི་མི་ཁུངས་འཆང་མི་ སྐྱེས་༡༥ ཡན་ཆད་ཡོངས་ལུ་ ནད་ཡམས་ཀོ་ཝིཊ་-༡༩ གི་སྨན་ཁབ་བཙུགས་ནིའི་ འཆར་གཞི་བརྩམ་གནང་ཡོདཔ་ལས་ རྫོང་ཁག་དང་ཁྲོམ་སྡེ་བདག་སྐྱོང་ཚུ་གིས་ རང་སོའི་མངའ་འོག་ནང་སྡོད་མི་ཚུ་ ཐོ་བཀོད་འབད་ཐབས་བསྒྲིགས་དགོ་པའི་བཀའ་བསྐུལ་བཞིན་དུ་ རྫོང་ཁག་ཀོ་ཝིཊ-༡༩ལས་བྱེད་བཀོད་ཚོགས་ཁ་ཐུག་ལས་ རྫོང་ཁག་ཆ་འདུས་ཀྱི་ རྒེད་འོག་ཁག་དང་ གཡང་རྩེ་ཁྲོམ་སྡེ་ དེ་ལས་ རྡོ་གསུམ་ཁྲོམ་གྱི་ས་ཁོངས་ཚུ་ནང་བཞུགས་མི་ འབྲུག་པའི་མི་ཁུངས་སྐྱེས་ལོ་ ༡༥ ཡན་ཆད་ཀྱི་ མི་སེར་ཡོངས་ཀྱིས་ སྤྱི་ཚེས་ ༡༠/༣/༢༠༢༡ ནང་འཁོད་ལུ་ ཡོངས་འབྲེལ་ bvs.moh.gov.bt  ཁ་བྱང་ཐོག་ལས་ སྨན་ཁབ་ཀྱི་ཐོ་བཀོད་མཛད་གནང་དགོ་པའི་ གསལ་བསྒྲགས་འབདཝ་ཨིན་ཞུ།  ཨིན་རུང་ མི་སེར་ཚུ་གིས་ ཡོངས་འབྲེལ་ཐོག་ལས་ ཐོ་བཀོད་འབད་ནིའི་གློག་རིག་མེད་པ་ཅིན་ རང་སོའི་འབྲེལ་ཡོད་རྒེད་འོག་དང་ཅིག་ཁར་ འབྲེལ་བ་འཐབ་གནང་དགོཔ་དང་ གཡང་རྩེ་དང་རྡོ་གསུམ་ཁྲོམ་སྡེ་ནང་བཞུགས་མི་ཡོངས་ལུ་ འབྲེལ་ཡོད་འཐུས་མི་བརྒྱུད་དེ་ འཕྲལ་མགྱོགས་སྦེ་ བརྡ་དོན་ཕུལ་ནི་ཨིན་ཞུ།