18 August 2020

    བཀྲ་ཤིས་གཡང་རྩེ་ ཀོ་ཝིཊ་-༡༩ ལས་བྱེད་བཀོད་ཚོགས་ཁ་ཐུག་ལས་ མི་མང་ལུ་ གསོལ་འདེབས་ ཞུ་དོན་ དེ་ཡང་ སྤྱི་ལོ་ ༢༠༢༠ ཟླ་ ༧ པའི་ཚེས་ ༢༡ ལས་ཚུར་ ང་བཅས་བཀྲིས་གཡང་རྩེ་རྫོང་ཁག་མངའ་འོག་གི་ གཡུལ་སྒོ་དང་ཁྲོམ་སྡེ་གང་རུང་ནང་ལུ་  འགྲུལ་སྐྱོད་འབད་དེ་ རྫོང་ཁག་གི་ས་ཁོངས་གང་རུང་ནང་ བཞུགས་དེ་ཡོད་པ་ཅིན་ རང་སོའི་ ཡིག་ཚང་འོག་འཛིན་ དང་ གཤམ་འཁོད་ཀྱི་ ཀོ་ཝིཊ་-༡༩ རྫོང་ཁག་གློ་བུར་འཚུབ་རྡོལ་ལྟེ་བ་ཡངན་ རྒེད་འོག་བདག་སྐྱོང་བརྒྱུད་དེ་ སྤྱོད་ཁྲལ་དགོངས་ཡངས་ཐོག་ལས་ཐད་ཀར་དུ་ འབྲེལ་བ་འཐབ་སྟེ་ རང་སོའི་འགྲུལ་སྐྱོད་ ཁ་གསལ་སྦེ་ གསལ་སྟོན་འབད་གནང་ཟེར་ཞུ་བ་ཕུལཝ་ཨིན། ཨིན་རུང་ རྒེད་འོག་ཡངན་ རང་སོའི་ ཡིག་ཚང་བརྒྱུད་དེ་ སྔོན་མ་ལས་ འགྲུལ་སྐྱོད་གསལ་སྟོན་འབད་དེ་ ཡོད་པ་ཅིན་ ལོག་སྟེ་ གསལ་སྟོན་འབད་མ་གནང་ཟེར་ཞུ་ནི་ཨིན་ལགས།

༡/    རྫོང་ཁག་གློ་བུར་འཚུབ་རྡོལ་ལྟེ་བ་                 -    ༡༢༤༧

༢/    འབུམ་སྡེ་གླིང་རྒེད་འོག   སྤྱོད་ཁྲལ་དགོངས་ཡངས་ཨང་     -    ༡༣༥༩།

༣/    འཇམ་མཁར་རྒེད་འོག་གི་ སྤྱོད་ཁྲལ་དགོངས་ཡངས་ཨང་     -    ༡༣༦༠།

༤/   ཁམས་དྭངས་རྒེད་འོག་གི་ སྤྱོད་ཁྲལ་དགོངས་ཡངས་ཨང་     -    ༡༣༦༡།

༥/    རམ་སྦྱར་རྒེད་འོག་གི་    སྤྱོད་ཁྲལ་དགོངས་ཡངས་ཨང་     -    ༡༣༦༢།

༦/    སྟོད་མཚོ་རྒེད་འོག་གི་    སྤྱོད་ཁྲལ་དགོངས་ཡངས་ཨང་     -    ༡༣༦༣།

༧/    ཡ་ལངས་རྒེད་འོག་གི་    སྤྱོད་ཁྲལ་དགོངས་ཡངས་ཨང་     -    ༡༣༦༤།

༨/    སྟོང་མི་བྱང་ས་རྒེད་འོག་གི་ སྤྱོད་ཁྲལ་དགོངས་ཡངས་ཨང་     -    ༡༣༦༥།

༩/    གཡང་རྩེ་རྒེད་འོག་གི་    སྤྱོད་ཁྲལ་དགོངས་ཡངས་ཨང་     -    ༡༣༦༦།