Notification Period:
22 January 2022

བཀྲིས་གཡང་རྩེ་ནད་ཡམས་ཀོ་བིཊ-༡༩ འི་ལས་བྱེད་ཚོགས་ཆུང་གིས་ སྤྱིར་བཏང་མི་མང་ལུ་གསལ་བསྒྲགས་འབད་མི་ནང་ ལམ་ཁར་ཐོགས་ལུས་ཡོད་པའི་ལམ་འགྲུལ་པ་དང་ རྫོང་ཁག་ནང་འཁོད་ཉེར་མཁོའི་མཐུན་རྐྱན་བཀྲམ་སྤྲེལ་འབད་མི་ཚུ་ བཀྲིས་གཡང་རྩེ་རྫོང་ཁག་ལས་རྫོང་ཁག་གཞན་ནང་འགྲོ་འགྲུལ་འབད་ནི་དོན་ལུ་ འགྲུལ་སྤྱོད་འབད་ཆོག་པའི་གནང་བ་ཞུ་དགོཔ་དང་ ལམ་འགྲུལ་པ་ཚུ་གིས་ གཤམ་འཁོད་ཡོད་པའི་རིམ་བཀོད་དང་འཁྲིལ་ འབྲེལ་མཐུད་འབད་གནང་།

༡.   བཀྲིས་གཡང་རྩེ་གློ་བུར་ཉེན་འཚུབ་ལྟེ་བ་འདི་ རེས་གཟའ་མིག་དམར་ལས་ཟླ་བ་ དྲོ་པ་ཚོུད་༩;༠༠ ལས་ཕྱི་རུ་ཚོུད་༥;༠༠ ཚུན་ལས་སྤྱོད་འབད་དེ་བརྒྱུད་འཕྲིན་གྱི་ཞབས་ཏོག་ཚུ་ངོས་ལེན་འབད་ནི་དང་།

༢.   འགྲུལ་སྤྱོད་འབད་ནི་དོན་ལུ་ སྣུམ་འཁོར་ཐོ་བཀོད་ཀྱི་ཞུ་ཡིག་ཚུ་ རེས་གཟའ་མིག་དམར་ལས་སྤེན་པ་ དྲོ་པ་ཚོུད་༩;༠༠ ལས་ཕྱི་རུ་ཚོུད་༥;༠༠ འི་ནང་འཁོད་རྐྱངམ་ཅིག་ངོས་ལེན་འབད་ནི་དང་།

༣.   ཨེན་ཀྲིན་ཇན(Antigen)བརྟག་དཔྱད་འབད་ནི་ཞབས་ཏོག་འདི་ཡང་ རེས་གཟའ་མིག་དམར་ལས་སྤེན་པ་ དྲོ་པ་ཚོུད་༩;༠༠ ལས་ཉི་མ་ཚོུད་༣;༠༠ ཚུན་དེ་ལས་ རེས་གཟའ་ཉི་མའི་སྐབས་ དྲོ་པ་ཚོུད་༩;༠༠ ལས་ཉི་མ་ཚོུད་༡;༠༠ ཚུན་རྐྱངམ་ཅིག་ཐོབ་ཚུགས།

ཁ་གསལ་གྱི་དོན་ལུ་བཀྲིས་གཡང་རྩེ་གློ་བུར་ཉེན་འཚུབ་ལྟེ་བའི་སྤྱོད་ཁྲལ་ཨང་༡༢༤༧(1247)དང་འབྲེལ་བ་འཐབ་གནང་ཞུ།