06 March 2021

༉ ཀོ་ཝིཊ-༡༩ སྨན་ཁབ་ཀྱི་བརྡ་དོན་སྐོར།

༡/ སྨན་ཁབ་ཀྱི་དོན་ལུ་ སྐྱེས་ལོ་ ༡༥ ཡན་ཆད་ ག་ར་གིས་ ཡོངས་འབྲེལ་ https://bvs.moh.gov.bt ཐོག་ལས་ ཐོ་བཀོད་འབད་དགོ། གལ་སྲིད་ཡོངས་འབྲེལ་ཐོག་ལས་ ཐོ་བཀོད་འབད་མ་ཚུགས་པ་ཅིན་ རང་སོའི་ ཉེ་འདབས་ཀྱི་ རྒེད་འོག་ཡིག་ཚང་དང་ མི་སྡེའི་བརྡ་དོན་ལྟེ་བ་ཚུ་དང་ཅིག་ཁར་འབྲེལ་མཛད་གནང་།

༢/ སྨན་ཁབ་ཀྱི་དོན་ལུ་ ག་ར་གིས་ ཡོངས་འབྲེལ་ཐོག་ལས་ ངེས་པར་དུ་ ཐོ་བཀོད་འབད་དགོ། ཨིན་རུང་ སྨན་ཁབ་བཙུགས་ནི་ལུ་ མི་ངོ་རང་སོའི་བློ་འདོད་དང་འཁྲིལ་མ་གཏོགས་ ཨིན་ཅི་མིན་ཅི་བཙུགས་དགོཔ་མེདཔ་ལས་ གདམ་ཁ་བཀོད་ཆོག།

༣/ སྨན་ཁབ་ཀྱི་ལས་རིམ་འདི་ མཐར་འཁྱོལ་ཅན་ཅིག་སྦེ་ བྱུང་ཐབས་ལུ་ མ་འོངས་ལས་འཆར་བརྩམ་ནི་ལུ་ ག་ར་གིས་ གྲོགས་རམ་དང་རྒྱབ་སྐྱོར་མཛད་གནང་ཞུ། (བཀའ་དྲིན་ཆེ།)